通知公告

当前位置: 首页 > 新闻资讯 > 通知公告 >

碌曲县公安局关于严厉打击赌博违法犯罪活动的通告

来源:魅力碌曲 作者: 发布时间:2020-02-19 09:22:48 阅读次数:

ཀླུ་ཆུ་རྫོང་ སྤྱི་བདེ་ཅུས་ཀྱིས་ཁྲིམས་འགལ་རྒྱན་འཇོག་གི་ཉེས་གསོག་བྱེད་སྤྱོད་ལ་

རྡུང་རྡེག་དྲག་པོ་གཏོང་བའི་སྐོར་གྱི་བརྡ་སྦྱོར།


སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིན་སོགས་ཀྲུང་དབྱང་མགོ་ཁྲིད་བློ་མཐུན་གྱིས་དུག་འགོག་ལས་དོན་མཛུབ་སྟོན་གྱི་གལ་ཆེན་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་ཆེད།ཀྲུང་དབྱང་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་གིས་གྲོང་གསེབ་ཀྱི་ཁྲིམས་འགལ་རྒྱན་འཇོག་ཉེས་གསོག་བྱེད་སྤྱོད་ཀྱི་བྱ་བར་ཆེད་དུ་བཅོས་སྐྱོང་བྱེད་པའི་སྐོར་གྱི་རེ་འདུན་གཞིར་བཟུང་།ཞིང་ཆེན་སྤྱི་བདེ་ཐིན་དང་ཁུལ་སྤྱི་བདེ་ཅུའུ་ཡི་མགོ་ཁྲིད་འོག དུས་རབས་གསར་བའི་མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་འདུན་པ་སྐོང་བ་དང་། མི་དམངས་ཀྱི་རྒྱུ་ནོར་དང་ཚེ་སྲོག་སྲུང་ཆེད། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཟུང་འབྲེལ་བྱས་ནས།རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བདེ་འཇགས་ལ་ཁོར་ཡུག་བཟང་པོ་བསྐྲུན་ཆེད།རྫོང་སྤྱི་བདེ་ཅུས་ཀྱིས་རྫོང་ཁུལ་ཡོངས་སུ་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་དྲག་པོ་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུའི་གཏན་འབེབས་བྱས་ཡོད། 

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་ཕྱོགས་སྐོར་གྱི་བཅའ་ཁྲིམས་སོགས་ཁྲིམས་ལུགས་གཏན་འབེབས་གཞིར་བཟུང་། བརྡ་སྦྱོར་གཤམ་གསལ་ལྟར།  

གཅིག   རྒྱལ་ཁབ་ཀྱི་ཁྲིམས་ལུགས་བཀའ་ཁྱབ་ཞིབ་གསལ་ལྟར་རྒྱན་འཇོག་མི་ཆོག་པ། མིག་མངས་དང་མ་ཅང་། རུས་སྦག ཤོ་རྡེའུ།  གློག་རྡུལ་རྒྱན་ཤོག  འཕྲིན་སྦྲེལ་དྲ་བ། ཁུག་དམར། དྲ་ཐོག་རྒྱན་འཇོག་འཕྲུལ་ཆས་སོགས་ཀྱི་ལམ་ནས་རྒྱན་འཇོག་ནས་ཁྲིམས་འགལ་ཉེས་གསོག་བྱེད་པ་ལ། ཁྲིམས་ལྟར་རྡུང་རྡེག་ཆད་གཅོད་བྱེད་དགོས།

གཉིས།   ཁེ་བཟང་ལེན་རྒྱུར་དམིགས་ནས། མི་གསུམ་ཡན་འདུས་ནས་རྒྱན་འཇོག་ན། མགོ་གཡོག་ཁེ་འབོར་གྱི་ཁ་གྲངས་སྒོར་༥༠༠༠ཡན་ཆད་དམ། རྒྱན་དངུལ་བསྡོམས་པས་སྒོར་ཁྲི་ལྔ་ཡན་ཆད། ཡང་ན་རྒྱན་ཞུགས་མི་གྲངས་བསྡོམས་པས་༢༠ཡན་ཆད། ཀྲུང་གོའི་སྤྱི་དམངས་ཀྱི་མི་འབོར་གྲངས་༡༠ཡན་ཆད་ཕྱི་རྒྱལ་དུ་རྒྱན་འཇོག་པར་སོང་ནས་ཁེ་བཟང་དང་ངོ་སྤྲོད་གྲོན་དངུལ་ཐོབ་ན།  རྒྱན་འཇོག་ནག་ཉེས་གྲུབ་པས་བཅའ་ཁྲིམས་ལྟར་ཉེས་འགན་རྩད་གཅོད་བྱེད་རྒྱུ།

གསུམ། ཁེ་བཟང་ལེན་རྒྱུར་དམིགས་ནས། རྒྱན་འཇོག་བྱེད་སྒོར་གནས་ཡུལ་དང་མཁོ་ཆས་འདོན་སྤྲོད་བྱེད་པའམ།རྒྱན་འཇོག་འཕྲུལ་འཁོར་བཙུགས་ནས་རྒྱན་བརྒྱབ་ན།ཡང་ན་རྒྱན་འཇོག་དྲ་ཚིགས་བཙུགས་ནས་རྒྱན་དང་ལེན་བྱེད་པ།མི་གཞན་ལ་རྒྱན་འཇོག་མཁོ་འདོན་བྱེད་པ།རྒྱན་འཇོག་དྲ་ཚིགས་ཀྱི་ཁེ་སྤོགས་ཆ་བགོས་ནང་ཞུགས་ནས་རྒྱན་འཇོག་ཁང་བཙུགས་ན།བཅའ་ཁྲིམས་ལྟར་ཉེས་འགན་རྩད་གཅོད་བྱེད་རྒྱུ།

བཞི།  མི་གཞན་གྱིས་རྒྱན་འཇོག་ནག་ཉེས་ཀྱི་བྱེད་སྒོ་སྤེལ་བ་ཤེས་བ་བཞིན་དུ་མ་དངུལ་དང་གནས་ཡུལ། འགྲིམ་འགྲུལ་ཡོ་བྱད ། འཕྲིན་གཏོང་ཡོ་བྱད། རྒྱན་འཇོག་ཡོ་བྱད།  གཉེར་སྐྱོང་དོ་དམ ། དྲ་སྦྲེལ་སྦྲེལ་ཐབས། ཞབས་ཞུ་ཆས་ཚབ་གཉེར།  དྲ་རྒྱའི་གསོག་་འཇོག  འཕྲིན་གཏོང་བརྒྱུད་ལམ །  འགྲོ་གྲོན་བསྡོམ་རྩིས་སོགས་ཀྱི་ཆ་རྐྱེན་མཁོ་འདོན་བྱེད་པ་འམ།  རྒྱན་འཇོག་བྱ་ཡུལ་དང་རྒྱན་མི་སྣར་སྐུ་སྲུང་བྱེད་པ ། རྒྱན་འཇོག་སོ་ལྟ་དང་གསང་བརྡ་གཏོང་བ་སོགས་ཀྱི་ཐད་ཀར་རོགས་རམ་བྱས་རིགས་ལ་རྒྱན་འཇོག་ནག་ཉེས་སམ་རྒྱན་འཇོག་ཁང་བཙུགས་པའི་ནག་ཉེས་སུ་བརྩིས་ནས་ཆད་པ་གཅོད་རྒྱུ།

ལྔ། རྒྱན་འཇོག་ནག་ཉེས་ཀྱི་བྱེད་སྤྱོད་འཛུགས་མཁན་དང་།གཉེར་སྐྱོང་བྱེད་མཁན།ཁེ་བཟང་རག་མཁན།ཉེས་ཅན་གཙོ་བོ།རྐང་འཛིན་མི་སྣ་བཅས་ལ་རྡུང་རྡེག་དྲག་པོ་གཏོང་དགོས།རྒྱན་འཇོག་ལ་ཆ་རྐྱེན་མཁོ་འདོན་བྱེད་པའི་རོལ་རྩེད་ཞབས་ཞུ་བྱ་ཡུལ་དང་།ཁང་བའི་ཁྲིམས་མི།ཁེ་བདག གཉེར་སྐྱོང་མཁན།འགན་འཁུར་མི་སྣ་ཚང་མར་རྡུང་རྡེག་ནན་མོ་བྱ་རྒྱུ། དེ་བཞིན་རྒྱལ་སྐུག་ལ་རོགས་དངུལ་སྤྲད་པར༼གསང་པའི་མ་དངུལ་འཇོག་མཁན༽དང་།གཞན་གྱི་གཏོང་སྤྲོད་སྒྲིག་གཞི་དང་རྒྱལ་སྐུག་ལ་དྲ་རྒྱའི་ཐོག་ནས་ཞབས་ཞུ་མཁན་དྲ་རྒྱའི་ནག་ཉེས་སུ་རྩི་ངེས།          

དྲུག   རྒྱལ་སྐུག་ན་ཉེས་དོན་ཁྲིམས་ཆད་གཅོད་མི་དགོས་རུང་བཅའ་ཁྲིམས་ལྟར་ལག་བསྟར་བྱས་ཏེ་བདེ་འཇགས་ལ་གནོད་འཚེ་བྱ་མཁན་གྱི་ཉེས་པ་ནན་མོ་གཅོད་རྒྱུ།ཉིན་ལྔའི་མན་བཀག་ཉར་བྱ་རྒྱུའམ་སྒོར་ལྔ་བརྒྱའི་ཆད་པ་ཡོད། ཚབས་ཆེ་ན་ཉིན་བཅོ་ལྔའི་མན་ལ་བཀག་ཉར་དང་སྒོར་ལྔ་བརྒྱ་ནས་སྟོང་སུམ་དབར་གྱི་ཆད་པ་ཡོད།

བདུན། དྲ་སྦྲེལ་སྤྱད་དེ་རྒྱན་ཤོག་བྲིན་ཚོང་བྱེད་རིགས་འགོག་རྒྱུ། རྒྱན་ཤོག་གི་མིང་ཐོག་ནས་སྤེལ་བའི་དྲ་ཐོག་སྒེར་ཤོག་དང་། དྲ་ཐོགས་རྒྱན་འཇོག་སོགས་རྣམ་པ་གང་རུང་གིས་ཁྲིམས་འགལ་ལུགས་འགལ་བྱེད་མཁན་ལ་རྡུང་རྡེག་དྲག་པོ་གཏོང་རྒྱུ།

བརྒྱད།  རང་འགུལ་གྱིས་སྤྱི་བདེ་ལས་ཁུངས་སུ་ནག་ཉེས་རང་ཞུ་དང་། གཞན་གྱིས་ཁྲིམས་འགལ་ནག་ཉེས་བྱ་སྤྱོད་ཐེར་འདོན་བྱེད་རིགས་སམ། མི་གཞན་གྱིས་བཙན་བཤད་དང་མགོ་སྒོར་བཏང་ནས་རྒྱན་འཇོག་པ་ལ་ཁྲིམས་ལྟར་ཉེས་ཆད་ཇེ་ཡང་ངམ་མེད་པར་གཏོང་རྒྱུ།

དགུ།  ཁྲིམས་འགལ་རྒྱན་འཇོག་ནག་ཉེས་ཀྱིས་སྤྱོད་པའི་དངུལ་རྫས་དང་།དངུལ་འཛིན་བརྗེ་བའི་དངུལ་རྫས། རྒྱན་བརྒྱབ་ནས་བླངས་བའི་དངུལ་རྫས་དག་རྒྱན་དངུལ་དུ་གཏོགས་པས་ཁྲིམས་ལྟར་བདའ་འདེད་གཏོང་རྒྱུ། རྒྱན་འཇོག་ཡོ་བྱད་དང་ཁྲིམས་འགལ་ཐོབ་ཆ། དེ་བཞིན་ཁྲིམས་འགལ་ནག་ཉེས་རྒྱན་འཇོག་གི་ཆེད་དངུལ་དང་འགྲིམ་འགྲུལ་ཡོ་བྱད། འཕྲིན་གཏོང་ཡོ་བྱད་སོགས་ཁྲིམས་ལྟར་གཞུང་བཞེས་བྱེད་རྒྱུ།

བཅུ།  རྒྱན་ལས་བྱུང་བའི་བུན་དབང་དང་བུ་ལོན་བཅའ་ཁྲིམས་ཀྱིས་མི་སྲུང་། རྒྱན་འཇོག་བུ་ལོན་ལེན་ཆེད་བསྙད་འདོགས་རྒྱུ་འཕྲོག་དང་ཁྲིམས་འགལ་གྱི་བཀཀ་པ། ཤེས་བཞིན་དུ་རྨས་པ། བཙན་ཤེས་ཀྱིས་ཉོ་ཚོང་བྱེད་པ། འཕྲོག་བཅོམ་བྱེད་པ། བཙན་ཁྲིད་བྱེད་པ་སོགས་ཁྲིམས་འགལ་ནག་ཉེས་ཀྱི་བྱ་སྤྱོད་སྤེལ་རིགས་ལ་ཁྲིམས་ལྟར་ཉེས་ཆད་དྲག་པོ་གཅོད་རྒྱུ།

བཅུ་གཅིག  ཏང་ཡོན་ལས་བྱེད་པ་དང་རྒྱལ་ཁབ་ལས་བྱེད་མི་སྣ། རྒྱལ་ཁབ་ལ་དབང་བའི་ཁེ་ལས་མི་སྣ། ལས་འཁྱུར་ངལ་གསོ་མཁན་སོགས་རྒྱན་འཇོག་པར་ཞུགས་པའམ་རྒྱན་འཇོག་བྱེད་སྒོའི་“སྲུང་གདུགས་”བྱེད་མཁན་ལ་ཁྲིམས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲིའི་བདའ་འདེད་གཏོང་རྒྱུ་ཕུད། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ལ་བརྡ་ཁྱབ་གཏོང་རྒྱུ། སྒྲིག་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་ནན་མོ་བྱ་རྒྱུ།

བཅུ་གཉིས།  རྒྱལ་ཁབ་ཀྱི་ལས་བྱེད་མི་སྣས་ཁྲིམས་ལྟར་རྒྱན་འཇོག་ཁྲིམས་འགལ་ཉེས་སྤྱོད་ཞིབ་བཤེར་བྱ་རྒྱུར་འགོག་རྐྱེན་བཟོ་མཁན་ལ་ཁྲིམས་ལྟར་བདེ་འཇགས་ཆད་གཅོད་བྱེད་པ། ནག་ཉེས་བཟོས་པ་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ། བརྡ་སྦྱོར་འདི་བསྒྲགས་པ་ནས་བཟུང་ལག་ཏུ་བསྟར་རྒྱུ། 

ཐེར་འདོན་ཁ་པར།   ༡༡༠     ༠༩༤༡-༥༩༣༤༥༢༡


ཀླུ་ཆུ་རྫོང་ སྤྱི་བདེ་ཅུས།

༢༠༢༠ལོ་ཟླ་༡པའི་ཚེ༡ཉིན།

碌曲县公安局关于严厉打击赌博违法

犯罪活动的通告


为认真贯彻落实习近平总书记等中央领导同志对禁赌工作重要指示精神,根据中央综治委关于专项整治农村赌博违法犯罪活动突出问题的要求和省公安厅、州公安局的部署,为满足新时代人民群众对美好生活的向往、维护人民群众生命财产安全,结合扫黑除恶专项斗争,为全县经济社会发展营造良好的治安环境,县公安局决定在全县开展严厉打击赌博违法犯罪活动专项行动。根据《中华人民共和国刑法》、《中华人民共和国治安管理处罚法》等法律规定,通告如下:
一、国家法律明令禁止赌博,凡利用棋牌、麻将、骨牌、骰子、电子游戏机、“六合彩”、互联网、微信红包、“德州扑克”、网络赌博机等各种形式从事赌博违法犯罪活动的,依法予以打击惩处。
二、以营利为目的,组织3人以上赌博,抽头渔利数额累计达到5000元以上,或赌资数额累计达到5万元以上,或参赌人数累计达到20人以上;以营利为目的,组织中国公民10人以上赴境外赌博,从中收取回扣、介绍费的,构成赌博罪,依法追究刑事责任。
三、以营利为目的,为赌博活动提供场所及用具,或设置赌博机组织赌博活动,或建立赌博网站并接受投注,或建立赌博网站并提供给他人组织赌博,或为赌博网站担任代理并接受投注,或参与赌博网站利润分成,构成开设赌场罪的,依法追究刑事责任。
四、明知他人实施赌博犯罪活动,而为其提供资金、场所、交通工具、通讯工具、赌博工具、经营管理、网络接入、服务器托管、网络存储空间、通讯传输通道、费用结算等条件,或者为赌博场所、赌博人员充当保镖,为赌博放哨、通风报信等直接帮助的,以赌博罪或开设赌场罪共犯论处。
五、严厉打击赌博犯罪活动的组织者、经营者、获利者、首要分子、骨干人员,为赌博提供条件的娱乐服务场所、出租房屋法人、业主、经营者和责任人,小区居民楼院所有人,以及为赌博提供资金帮助的“地下钱庄”,第三方支付机构和为赌博提供网络服务的网络运营商。
六、参与赌博活动,不够刑事处罚的,依法予以治安处罚,处五日以下拘留或者五百元以下罚款;情节严重的,处十日以上十五日以下拘留,并处五百元以上三千元以下罚款。
七、禁止擅自利用互联网销售彩票行为,严厉打击以彩票名义开展的网络私彩、网络赌博等任何形式的违法违规经营活动。
八、主动到公安机关投案自首的,检举他人违法犯罪行为的,或者出于他人胁迫、诱骗参与赌博活动的,依法从轻、减轻或者免除处罚。
九、赌博违法犯罪用作赌注的款物、换取筹码的款物和通过赌博赢取的款物属于赌资,依法予以追缴;赌博用具、违法所得以及赌博违法犯罪分子所有的专门用于赌博的资金、交通工具、通讯工具等,依法予以没收。
十、因赌博产生的债权债务不受法律保护;为索取赌债实施敲诈勒索、非法拘禁、故意伤害、强迫交易、抢劫、绑架等违法犯罪行为的,依法从严惩处。
十一、党员干部、国家公职人员、国有企事业单位职工、退休干部职工、参与赌博或为赌博活动充当“保护伞”的,除依法追究法律责任外,一律向纪检监察机关通报,依纪依规严肃处理。
十二、阻碍国家工作人员依法查处赌博违法犯罪行为的,依法予以治安处罚;构成犯罪的,依法追究刑事责任。
本通告自发布之日起施行。

举报电话:110      0941-5934521


碌曲县公安局

二0二0年一月一日


点击我关闭